༄༅། །དགེ་ཆོས་ལགས་ཀྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་དང་། འདིར་རྒྱ་གར་གནའ་རྫས་རྟོག་ཞིབ་པའི་ཡིག་ཆ་དང༌། དེ་བཞིན་རྒྱའི་བཙུན་པ་ཕཱ་ཧེན་དང༌། ཧུན་ཙང་བཅས་ཀྱི་ལམ་ཡིག དེང་རབས་ཕྱི་རྒྱལ་བས་བྲིས་པའི་ཡིག་ཆ་དང༌། དྲ་རྒྱ་ནས་ཡིག་ཆ་འགའ་ཞིག་ཕབ་བཤུས་དང་དེ་དག་ལ་ཞིབ་བསྡུར་གྱིས་འདིར་རང་སྐད་དུ་རགས་ཟིན་ཞིག་བཏབ་ནས་ཕུལ་ཐུབ་ན་ཕན་པར་རེ་ནས། འདིར་སཱར་ནཱཐའི་གནས་བཤད་རགས་ཟིན་ཞུ་རྒྱུའི་ས་བཅད་ནི།
༡༽ སྤྱིར་གནས་ཆེན་ཁག་ལ་གནས་སྐོར་བྱ་དགོས་དོན་དང་འབྲེལ་བའི་གཏམ།
༢༽ གནས་ཆེན་སཱར་ནཱཐའི་མིང་བྱུང་ཚུལ་དང་འབྲེལ་བའི་གཏམ།
༣༽ གནས་ཆེན་དེའི་ལོ་རྒྱུས་དང་འབྲེལ་བའི་གཏམ།
༤༽ ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་དད་རྟེན་འགའ་ཞིག་དང་འབྲེལ་བའི་གཏམ་བཅས་ས་བཅད་བཞིའི་ལམ་ནས་བཤད་རྒྱུ་ཡིན་པས་དེ་དོན་གསན་པར་འཚལ་ཞེས་ཞུ་རྒྱུ་ཡིན།།